Techung in Quito, Ecuador

Here is a short update of my tour to Ecuador.  I’m grateful to my girlfriend Sisa Salgado for arranging this tour and her family and the community for welcoming me and coming to my concert. Thank you and Enjoy the video

ཟླ་བ་བཞི་པའི་ནང་ཕྲན་རང་ལྷོ་ཨ་རིའི་རྒྱལ་ཁབ་ཨེ་ཁུ་དོར་ཞེས་པར་ཟླ་གཅིག་རིང་གཟིག་མོ་དང་གུང་སེང་ལྷན་དུ་བཅར་བ་ཡིན། དེར་ཡོད་ངའི་གྲོགས་མོ་སི་ས་སལ་སྒ་རྡོ་ལགས་དང་ཁོང་གི་ཁྱིམ་ཚང་ནས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་གའི་རྒྱལ་ས་ཀི་ཏོ་ཞེས་པར་འབྱོར་མ་ཐག་ནས་ཉིན་ཤས་རིང་རླུང་འཕྲིན་ཁག་དང་དེ་བཞིན་གསར་འགོད་སོགས་ལ་རང་ཉིད་ཀྱི་ལོ་རྒྱུས་དང་དེ་བཞིན་བོད་རོལ་དབྱངས་ད་ལྟའི་འཆབ་སྲིད་གནས་སྟང་སོགས་ག་ཐུབ་གསལ་བཤད་ཞུས་མཐར་ཟླ་༤ ཚེས་ ཉིན་དེ་གའི་གནས་ཡོད་རོལ་དབྱངས་ཁང་ཀ་ས་དེ་ལ་མུ་སི་ཀ་ཞེས་པར་མི་མང་ཕལ་ཆེར་༤༠༠ ཡས་མས་ཞིག་འདུ་འཛོམས་ཀྱིས་ཕྲན་ནས་སྲོལ་རྒྱུན་དང་རང་རྩོམ་གླུ་གཞས་ཁག་དང་དེ་བཞིན་ལྷ་མོའི་ལིའུ་ནས་རྔོན་པའི་འདོན་མདོར་བསྡུས་བཅས་གཟིགས་འབུལ་ཞུས་པས་མི་མང་ནས་ཐུགས་སྣང་དགྱེས་འཚོར་གནང་སོང་།

དེ་རྗེས་ཉེ་འཁོར་དུ་འཛམ་གླིང་ནང་ནག་གསེབ་ཐུག་ཤོས་ཀྱི་ས་གནས་ཨེ་མ་ཛོན་ཞེས་པའི་ས་འཁུལ་དེའི་ནང་མི་ཞིག་དང་ངོ་ཐུགས་ཀྱིས་ས་གནས་དེའི་བརྗིད་ཆགས་ལྡན་པའི་རང་བྱུང་ཁམས་ཀྱི་ནག་ཚལ་དང་རྒྱུག་ཆུ་བཅས་ལ་ལྟ་སྐོར་ཞུ་རྒྱུའི་སྐལ་པ་བཟང་དང། ཞོར་དུ་ས་གནས་ཡུལ་མི་སྣ་ལྷན་དུ་ཞལ་ལག་དང་རོལ་དབྱངས་ཀྱང་མཉམ་གཏོང་གོ་སྐབས་བཅས་ལ་དགའ་བ་ཐོབ།

དེ་ནས་འཐོན་རྗེས་བྱང་རི་ཀེ་ལེ་ཕོ་ནེ་ཡའི་ས་ཁུལ་སྦ་ཀ་ལི་ཞུ་བར་ཧི་མ་ལ་ཡའི་ཚོང་འདུས་ཞིག་ཉིན་གཉིས་རིང་ཚོགས་སྐབས་དེར་ལྕགས་ཟམ་གླུ་གར་ཚོགས་པའི་ལྷན་དུ་མཉམ་ཞུགས་བྱས།

དེང་སྐབས་སྲོལ་རྒྱུན་ནང་མ་དང་སྟོད་གཞས་ཀྱི་རོལ་དབྱངས་སྒྲ་འཇུག་ཞུ་རྒྱུ་དང་དེ་བཞིིན་ཕྲན་དང་རླུང་རྟའ་རོལ་དབྱངས་ཚོགས་པས་འོད་སྡེར་གསར་པ་ཞིག་བཟོ་སྐྲུན་ཞུ་རྒྱུའི་ལས་གྲལ་དང་འབྲེལ་་འདི་ལོའི་ཟླ་༡༠ ནང་ཡོ་རོབ་ཁུལ་དུ་རོལ་དབྱངས་སྐོར་བསྐྱོད་འགྲོ་རྒྱུའི་གོ་སྒྲིགས་ཞུ་བཞིན་ཡོད། ཚང་མར་འཚམས་འདྲི་དང་བོད་རྒྱལ་ལོ།།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s